Jump to content

ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད

From Wikisource

༄༡
༢༣༤
བོད་སྐད་དུ
ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ཅེས་བྱ་བ
ཐམས་ཅད་སྟོན་པའི་རྒྱུད
བཅོམ་ལྡན་འདས་རང་བཞིན་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ
སྐད་བདག་གིས་བསྟན་པའི་དུས་གཅིག་ན
དོན་གྱི་སྙིང་པོ་བརྡལ་བའི་ཡེ་ཤེས་ཀྱི་སྐུ་དེ་ནི
༢༣༥
མདུན་དང་རྒྱབ་མེད་པར་ཞལ་ཀུན་ཐལ་ལེར་བཞུགས་སོ
དེས་འགྲོ་བ་དང་འོང་བ་མེད་པའི་དོན་སེམས་ཅན་ལ་སྟོན་ཏོ
ཨ་ཨ་ཨ
འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན
མངོན་པར་འདུས་མ་བྱས་པའི་སྐུ་དེ་ནི་འོག་མིན་གྱི་གནས་ཆ་ཡིས་མ་བགོས་པ་རྡོ་རྗེ་གདན་ལ་མངོན་པར་གནས་པ
ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནག་དུ་གྱུར་པ
ཕྱི་ནས་བལྟས་ན་ནང་གསལ་བ
༢༣༦
ནང་ནས་བལྟས་ན་ཕྱི་གསལ་བ
འོད་ཟེར་ཕྱོགས་བཅུར་འཕྲོ་བ
མ་ཁྱུད་ཀྱི་རབ་ཅན
ཡེ་ཤེས་ལྔ་དཀར་མ་བཞིན་འཆར་བ
སྐུ་ལྔ་མདུན་དང་རྒྱབ་ཏུ་མེད་པར་གསལ་བ
འོད་ལྔ་མ་འདྲེས་པ་ལ་གསལ་བ
དོན་གྱི་སྙིང་པོ་སྟོང་པའི་རྟགས་སུ
རིག་པའི་དཀྱིལ་འཁོར་འོད་གསལ་བ
མངོན་པར་སྣང་བའོ
གཞལ་ཡས་ཁང་དེའི་ནང་ན་སྟོན་པ་ཀུན་ཏུ་བཟང་པོ
རིགས་བཞིའི་སེམས་དཔའ་དང
རིག་པ་ཀུན་ཏུ་བཟང་པོའི་ངང་ལ་ཐབས་ཅིག་ཏུ་བཞུགས་སོ
དེ་ནས་རྡོ་རྗེ་རིགས་ཀྱི་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ
བཅོམ་ལྡན་འདས་ཐུགས་ཀྱི་དཀྱིལ་འཁོར་སྒོ་འབྱེད་པའི་དོན་བསྟན་དུ་གསོལ
ཞེས་ཞུ་བ་ཞུས་སོ
དེ་ནས་སྟོན་པ་ཀུན་ཏུ་བཟང་པོས
རང་རང་གི་རིག་པའི་དཀྱིལ་འཁོར་འོད་གསལ་བའི་དོན་སྟོན་ཏོ
༢༣༧
རིགས་ཀྱི་བུ་རྣམས་ལེགས་པར་ཉོན་ཅིག
རང་རང་ལ་དཀྱིལ་འཁོར་གསུམ་དུ་ཤེས་པར་བྱའོ
དེ་ཡང་གང་ཞིན
སྐུའི་དཀྱིལ་འཁོར་དང
གསུང་གི་དཀྱིལ་འཁོར་དང
ཐུགས་ཀྱི་དཀྱིལ་འཁོར་རོ
ཞེས་གསུངས་པ་དང
དེ་རྣམས་དོན་བཤད་དུ་གསོལ་ཞེས་ཞུ་བ་ཞུས་སོ
སྟོན་པས་བཀའ་སྩལ་པ
རྡོ་རྗེ་སེམས་དཔའི་འཁོར་རྣམས་ཉོན
ངས་བསྟན་ལེགས་པར་ཡིད་ལ་ཟུངས
ང་ཡི་དཀྱིལ་འཁོར་བསམ་མི་ཁྱབ
ང་ལས་བྱུང་བའི་དཀྱིལ་འཁོར་ནི
སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང
གསུང་གི་དཀྱིལ་འཁོར་འགག་མེད་དང
ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་དང
ཡོན་ཏང་དཀྱིལ་འཁོར་ཡིད་བཞིན་སེམས
འཕྲིན་ལས་དཀྱིལ་འཁོར་བཙལ་མེད་དབྱིངས
འོད་ཆོས་ཀྱི་དབྱིངས་སུ་བརྡལ་བ
སྐུའི་དཀྱིལ་འཁོར་འགག་མེད་གསུང་ལ་རོལ
གསུང་གི་དཀྱིལ་འཁོར་རྟོག་མེད་ཐུགས་ལ་རོལ
དེ་ཕྱིར་དོན་གྱི་སྙིང་པོ་རིག་པ་འགག་མེད་ཀློང
༢༣༨
བྱང་ཆུབ་སྙིང་པོ་བརྡལ་བའི་ཕོ་བྲང་འདི
ཀུན་ལ་དཀོན་པའི་རིན་ཆེན་གཏེར་ཡིན་པས
རང་གིས་རང་ལ་རྟག་ཏུ་བལྟ་བར་གྱིས
བྱང་ཆུབ་སེམས་དང་འདྲིས་པར་མ་གྱུར་ན
མཐོང་ཡང་ངོ་ཤེས་དག་ཏུ་མི་འགྱུར་བས
ཡང་ནས་ཡང་དུ་བརྟགས་ཤིང་གོམས་པར་བྱ
རིག་པའི་མཚན་ཉིད་གཅིག་ལས་དུ་མར་སྣང
དོན་དམ་ངང་ལས་མི་དམིགས་འོད་གསལ་སྐུ
དམིགས་མེད་ངང་ལས་གསལ་འགྲིབ་ཡོངས་ཀྱིས་མེད
སེམས་ཅན་བློ་ལ་བྱེ་བྲག་མང་བའི་ཕྱིར
བར་མ་དོ་ལ་སྣང་བ་སོ་སོར་འཆར
དག་པའི་ལམ་ལ་ཡེ་ཤེས་འོད་དུ་གསལ
འོད་གསལ་བདེ་བའི་སྐུ་ལ་མདུན་རྒྱབ་ཡོངས་ཀྱིས་མེད
མ་དག་སེམས་ཅན་རྣམས་ལ་མདུན་དང་རྒྱབ་ཏུ་སྣང
༢༣༩
རིག་པ་འགྱུར་མེད་སྐུ་ལ་མདུན་རྒྱབ་ག་ལ་ཡོད
མདུན་དང་རྒྱབ་ཏུ་མཐོང་ན་གོལ་སྒྲིབ་ཡང་བར་འགྱུར
ཡེ་ཤེས་སྐུ་ལ་རྟོག་པ་མི་མངའ་ཞིང
ཚིག་དོན་འབྲེལ་བའི་ཡེ་ཤེས་སྐུ་ལ་བརྟགས
སྐུ་དང་ཡེ་ཤེས་དབྱེར་མེད་འདྲེས་ཤིང་མཚུངས
ཡེ་ཤེས་སྐུ་སྟེ་རང་བྱུང་བ
ཡེ་ཤེས་འགག་མེད་ངང་ལ་རིག་པ་འགྱུར་མེད་གསལ
བསྟན་བས་དོན་ལྡན་ཡེ་ཤེས་སྐུ་མཆོག་འདི
དོན་དམ་རང་བཞིན་མེད་པ་ཆོས་སྐུ་སྐྱེ་མེད་དང
བསྟན་པའི་སྒྲོན་མེ་ཆོས་སྐུ་འོད་པོ་ཆེ
དོན་དང་མཐུན་པའི་སྐྱེས་བུ་རྣམས་ལ་གསལ
བར་མ་དོ་ལ་འོད་ཀྱི་སྣང་བ་སོ་སོར་འཆར
དེ་ཕྱིར་བློ་ཡི་རིམ་པ་བདུན་བདུན་དག་ཏུ་ཕྱེ
དེ་ལས་གདམས་ངག་ཉི་ཤུ་རྩ་གཅིག་དག་ཏུ་ཤེས་པར་བྱ
༢༤༠
ཡེ་ཤེས་སྒྲོན་མ་རྣམ་དག་མཁའ་ལ་དེ་བཞིན་གཤེགས
རྣམ་དག་དོན་ལྡན་སྙིང་པོ་ཡེ་ཤེས་སྐུ
སྐྱེ་མེད་དོན་ལྡན་རིག་པ་བྱང་ཆུབ་སེམས
རང་བྱུང་དབྱིངས་ནས་བདེ་ཆེན་འོད་འབར་སྐུ
སྐུ་ལྔ་མཐར་ཕྱིན་སྐུ་གཅིག་དོན་ལ་ཞོག
ཀྱེ་མ་རིན་ཆེན་བྱང་ཆུབ་སེམས
བཙལ་བས་མི་རྙེད་བཞག་ན་རྙེད་པར་འགྱུར
རང་ལས་བྱུང་ཞིང་ཉོན་མོངས་ངང་དུ་ནུབ
རྟོགས་པའི་དོན་དང་ལྡན་པའི་གང་ཟག་བྱང་ཆུབ་སེམས
འཁྲུལ་པའི་ཆོས་ལས་ཐར་ནས་རང་བྱུང་བདེ་བར་སྤྱོད
དཀྱིལ་འཁོར་གསུམ་གྱི་རོལ་པ་རྣམ་དག་རབ་ཏུ་འབྱུང
དོན་གྱི་སྙིང་པོ་མ་བསྐྱེད་དབྱིངས་ནས་གཞི་ལ་རྫོགས
སངས་རྒྱས་ཐམས་ཅད་འབྱུང་བའི་ས་བོན་མྱུ་གུར་བཅས
དོན་གྱི་ཡེ་ཤེས་སྐད་ཅིག་ངང་ལ་རྫོགས
རྟགས་གྱི་ཡེ་ཤེས་སྐྱེ་འབྲི་མེད་པར་སྣང
དཔེ་ཡི་ཡེ་ཤེས་དྲི་མེད་རྣམ་དག་དང
༢༤༡
ཆོས་སྐུའི་ཡེ་ཤེས་བསམ་འདས་བརྗོད་མེད་དང
ལོང་མ་སྐུའི་ཡེ་ཤེས་ཁ་དོག་མ་འདྲེས་གསལ
སྤྲུལ་སྐུའི་ཡེ་ཤེས་ཅིར་ཡང་བསྒྱུར་ཏུ་བཏུ་པ
གཉིས་མེད་ཡེ་ཤེས་ཐ་སྙད་མཐའ་དང་བྲལ
རྟོག་མེད་ཡེ་ཤེས་འཛིན་པའི་ཡུལ་དང་བྲལ
འཛིན་མེད་ཡེ་ཤེས་གཉིས་སྣང་མཐའ་དང་བྲལ
མཉམ་ཉིད་ཡེ་ཤེས་ཚིག་ལས་འདས་པའི་ངང
ཆོས་དབྱིངས་ཡེ་ཤེས་གསལ་ལ་རྟོག་པ་མེད
དག་པའི་ཡེ་ཤེས་དྲི་མའི་མཐའ་དང་བྲལ
གསལ་བའི་ཡེ་ཤེས་སྟོང་པའི་ཡུལ་ལས་འདས
སྟོང་པའི་ཡེ་ཤེས་དངོས་པོའི་ཡུལ་ལས་འདས
མཚོན་པའི་ཡེ་ཤེས་གཟའ་གཏད་ཆོས་དང་བྲལ
དམིགས་མེད་ཡེ་ཤེས་བསྒོམ་པའི་ཡུལ་དང་བྲལ
འདས་པའི་ཡེ་ཤེས་ཚིག་གིས་མཚོན་དུ་མེད
༢༤༢
མ་འོངས་ཡེ་ཤེས་དངོས་པོར་བསྟན་དུ་མེད
ད་ལྟའི་ཡེ་ཤེས་ཡུལ་ལ་མངོན་པར་སྣང
རྡོ་རྗེའི་ཡེ་ཤེས་འདུ་འབྲལ་མེད་པར་རྟོགས
དེ་རྣམས་འབྱུང་བའི་ཡེ་ཤེས་དེ་བཞིན་ནོ
ཡེ་ཤེས་བསྒོམ་པའི་ཡུལ་དང་བྲལ་བའོ
ཀྱེ་ཀྱེ་རྡོ་རྗེ་སེམས་དཔའ་ཉོན
དཀྱིལ་འཁོར་དོན་དང་ཡེར་ཤེས་དོན
ང་ཡིས་ཁྱོད་ལ་ལེགས་པར་བསྟན་པ་ཡིན
རང་བྱུང་དོན་གྱི་སྙིང་པོ་ནི
བསྐྱེད་པ་མ་ཡིན་རྫོགས་པའི་ཚུལ
ཀུན་ལ་ཡོད་པའི་མེ་ལོང་འོད་པོ་ཆེ
དཔེར་ན་མེ་ལོང་དཀྱིལ་འཁོར་དངས་པ་ལ
གང་བསྟན་རྐྱེན་དེ་འོང་བ་བཞིན
རང་བཞིན་རྣམ་དག་སྟོང་པའི་ནམ་མཁའ་ལ
དོན་གྱི་སྙིང་པོ་མ་འདྲེས་ཚོམ་བུ་ལྔ
མ་བསྐྱེད་རྫོགས་པའི་ཚུལ་དུ་གསལ
ཞེས་སྟོན་པ་ཀུན་ཏུ་བཟང་པོས་རྡོ་རྗེའི་རིགས་ལ་རང་གི་དོན་བསྟན་པའོ
ཞེས་རྒྱུད་ཐམས་ཅད་ཀྱི་རྩ་བ་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ཆེན་པོ་ལས
དཀྱིལ་འཁོར་དང་ཡེ་ཤེས་བསྟན་པའི་ལེའུ་སྟེ་དང་པོའོ
༄༢
དེ་ནས་ཡང་རིན་པོ་ཆེའི་རིགས་ཀྱི་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ
༢༤༣
ཀྱེ་ཀྱེ་བཅོམ་ལྡན་ཀུན་ཏུ་བཟང
ཀུན་བཟང་ངེས་ཚིག་དབྱེ་བར་བཅས་པ་བཤད་དུ་གསོལ
ཞེས་ཞུས་སོ
དེ་ནས་ཡང་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ
ཀྱེ་མ་རིན་ཆེན་སེམས་དཔའ་ཉོན
ངས་བསྟན་ལེགས་པར་ཡིན་ལ་ཟུང
ཀུན་བཟང་ངེས་ཚིག་གང་ཞེ་ན
ཆོས་ཉིད་རྟོགས་པའི་ངང་དུ་རིག་པ་སྐྱེ་མེད་འདུས་པས་ཀུན
རིག་པ་བྱར་མེད་ངང་དུ་ཆོས་སྐུ་འགག་མེད་འདུས་པས་ཀུན
ཡེ་ཤེས་དངོས་མེད་ངང་ལ་རིག་པ་སྐྱེ་མེད་འདུས་པས་ཀུན
རིག་པ་བྱང་ཆུབ་ངང་ལ་སྣང་སྲིད་ཐམས་ཅད་འདུས་པས་ཀུན
རིག་པ་ལྷུན་གྲུབ་ངང་ལ་འབྲས་བུ་བྱར་མེད་དྲིལ་བས་ཏུ
རིག་པ་སྟོང་པའི་ངང་ལས་ཡེ་ཤེས་གསལ་བས་བརྒྱན་པས་ཏུ
གསལ་བ་འཛིན་མེད་ངང་ལ་རིག་པ་རྟོག་མེད་བཞག་པས་ཏུ
སྣང་སྟོང་དབྱེར་མེད་ངང་ལས་རིག་པ་ཀུན་བྲལ་བཞག་པས་ཏུ
དཔེར་ན་རིན་ཆེན་གསེར་གླིང་ཕྱིན་པ་བཞིན
ས་རྡོའི་བག་མེད་སྣང་བ་གསེར་དུ་འགྱུར
དེ་བཞིན་ཀུན་ཏུ་བཟང་པོའི་དོན་རྟོགས་རྣམ་རྟོག་ཡེ་ཤེས་འགྱུར
༢༤༤
ཀུན་བཟང་ངང་ལ་གཡོས་པ་མེད་པས་བཟང
མཉམ་ཉིད་ངང་ལ་བཟང་དན་མེད་པས་བཟང
དབྱེར་མེད་ངང་དུ་གཅིག་པས་བཟང
གཉིས་མེད་ཚུལ་དུ་གནས་པས་བཟང
དོན་དང་ལྡན་པ་ཀུན་བཟང་དབྱེ་བར་གསུངས
དེ་ཡི་ཕྱིར་ན་རྒྱུད་ཆེན་ཨ་ལི་ཀ
ཀུན་བཟང་ངང་ནི་ཅིས་ཀྱང་བསྐྱོད་དུ་མེད
འཁྲུལ་མེད་བྱང་ཆུབ་སེམས་ལ་ངེས་པར་གནས
ཀྱེ་ཧོ་རིན་པོ་ཆེའི་སེམས་དཔའ་རྣམས་ཉོན་ཅིག
ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ལྔའི་རང་བཞིན་དུ་ཤེས་པར་བྱའོ
དེ་ཡང་གང་ཞེ་ན་འདི་ལྟ་སྟེ
རང་བཞིན་ཀུན་ཏུ་བཟང་པོ་དང
རྒྱན་ཀུན་ཏུ་བཟང་པོ་དང
༢༤༥
སྟོན་པ་ཀུན་ཏུ་བཟང་པོ་དང
རིག་པ་ཀུན་ཏུ་བཟང་པོ་དང
རྟོགས་པ་ཀུན་ཏུ་བཟང་པོའོ
རིགས་ཀྱི་བུ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཀུན་ཏུ་བཟང་པོ་ལྔའི་རང་བཞིན་དུ་ཤེས་པར་བྱའོ
བཀོད་པ་རིན་པོ་ཆེ་རྣམ་པར་འགྲེལ་པའི་དོན
རྩ་བའི་རྒྱུད་ཆེན་པོ་འདིས་ཤེས་པར་བྱའོ
ཀྱེ་མ་རིགས་ཀྱི་བུ་ཉོན་ཅིག
༢༤༦
རིན་པོ་ཆེ་རྣམ་པར་བཀོད་པའི་དཀྱིལ་འཁོར་ནི་མ་བྲིས་པར་བཀྲ
ཡེ་ཤེས་བསྟན་པའི་རི་རྒྱལ་ནི་མ་བརྩེགས་པར་དཔངས་མཐོ
ཡེ་ཤེས་བརྡལ་བའི་ཕོ་བྲང་ནི་མ་བྱས་པར་རྒྱ་ཆེ
ཡེ་ཤེས་ཀློང་ཡངས་ཀྱི་རྒྱ་མཚོ་ནི་མ་རྙེགས་པར་གསལ་ལ་དངས
ཡེ་ཤེས་གསལ་བའི་ཉི་མ་ནི་མ་བྱས་བར་འཆར་ནུབ་མེད
སྟོང་ཉིད་བརྡལ་བའི་ཐང་ནི་མ་བཀོད་པར་ཆ་སྙོམས
ཡེ་ཤེས་འགྱུར་མེད་ཀྱི་ལམ་ནི་མ་སྦྱངས་བར་ཉེ་རིང་མེད
རིག་པ་འགྱུར་མེད་ཀྱི་རྟ་ནི་རྒྱུགས་ཀྱང་ཆད་པ་མེད
རིག་པ་དམིགས་མེད་ཀྱི་ཆུ་རྒྱུན་ལ་རྒྱུན་ཆད་མེད
རིག་པ་ཡེ་ཤེས་ཀྱི་ས་བོན་ལ་འཕེལ་འགྲིབ་མེད
རིག་པ་སྟོང་གསལ་གྱི་ཡེ་ཤེས་ནི་དབྱེར་མི་ཕྱེད
རིག་པ་འཛིན་མེད་ཀྱི་ཡེ་ཤེས་ནི་ངོས་བཟུང་གི་མཐའ་དང་བྲལ
༢༤༧
རིག་པ་རྟོག་མེད་ཀྱི་ཡེ་ཤེས་ནི་མ་འགགས་པར་ཡོངས་སུ་གསལ
རིག་པ་ཀུན་གསལ་གྱི་ཡེ་ཤེས་ནི
མ་འདྲེས་པར་ཡོངས་སུ་རྫོགས
རིག་པ་ཀུན་སྣང་གི་ཡེ་ཤེས་ནི
གསལ་ལ་འཛིན་པ་མེད
རིག་པ་ཀུན་གསལ་གྱི་ཡེ་ཤེས་ནི
གསལ་ལ་ལྷུན་སྡུག
དེ་ནི་ཀུན་ཏུ་བཟང་པོ་ལྔའི་ཉེར་གཞག་གོ
ཀྱེ་ཀྱེ་རིན་ཆེན་སེམས་དཔའ་ཉོན
ངས་བསྟན་ལེགས་པར་ཡིད་ལ་ཟུངས
ང་ལས་མ་བྱུང་གཅིག་ཀྱང་མེད
ང་ནི་འབྱུང་བ་ཀུན་ཏུ་བཟང
ང་ཡིས་མི་སྟོན་གཅིག་ཀྱང་མེད
ང་ལས་རང་བཞིན་ཐ་དད་བྱུང
ང་ནི་རང་བཞིན་ཀུན་ཏུ་བཟང
ང་ནི་ཐ་སྙད་ཆོས་དང་བྲལ
ང་ནི་གཅིག་པུ་ཀུན་ཏུ་བཟང
ང་ལ་འོད་ཆེན་རྣམ་ལྔ་རྫོགས
ང་ནི་རྒྱ་ཆེན་ཀུན་ཏུ་བཟང
༢༤༨
ང་ནི་དག་པའི་ཞིང་དུ་སྒྲོལ
ང་ནི་སྒྲོལ་བྱེད་ཀུན་ཏུ་བཟང
ང་ནི་འཛིན་བྱེད་ཡུལ་ལས་འདས
ང་ནི་རིག་པ་ཀུན་ཏུ་བཟང
ང་ནི་རང་རིག་བྱང་ཆུབ་སེམས
ང་ནི་བྱང་སེམས་ཀུན་ཏུ་བཟང
ང་ཡི་སེམས་ལ་ཅིར་སྣང་རྫོགས
ང་ནི་རྟོགས་པ་ཀུན་ཏུ་བཟང
ཀུན་བཟང་ངང་ལ་གནས་པ་ཡི
རྣལ་འབྱོར་བདེ་གཤེགས་ས་ལ་གནས
རྟོགས་པའི་དོན་ལྡན་ཀུན་བཟང་མ་ཡེངས་དང
ཀུན་ཏུ་བཟང་མོ་དོག་མེད་ཡངས་པའི་ཀློང
ཀུན་ཏུ་བཟང་པོ་རྒྱ་ཆེན་ཀུན་ལ་རོལ
ཀུན་བཟང་ཡབ་ཡུམ་གཉིས་མེད་གཅིག་གི་ཚུལ
རྟོགས་པའི་དོན་ལྡན་ཀུན་ཏུ་བཟང་མོའི་ངང
འགྱུར་མེད་བྷ་ག་ཡངས་པས་སྣ་ཚོགས་ཅིར་ཡང་འཆར
བྷ་གའི་ནང་ན་སྣང་སྲིད་ཐམས་ཅད་སྡུད
ཡུམ་གྱི་བྷ་ག་སྟོང་པ་ཆེན་པོའི་ཡུལ
ཡབ་ཡུམ་གཉིས་མེད་ཚུལ་གྱིས་འགྲོ་བ་ཡོངས་ལ་ཁྱབ
འཛིན་མེད་བགྲོད་མེད་ལམ་ལ་གནས་པའི་ཀུན་བཟང་བྱང་ཆུབ་སེམས
ཀུན་བཟང་ཞལ་ནི་ཕྱོགས་བཅུ་ཀུན་ཏུ་གཟིགས
ཀུན་གཟིགས་ཀུན་ཏུ་བཟང་པོའི་སྐུ་ལ་མདུན་རྒྱབ་མེད
ཡུམ་གྱི་བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ
ཀུན་རྫོབ་ཡུལ་ལ་མི་གནས་ཚིག་གིས་མཚོན་དུ་མེད
༢༤༩
དོན་དམ་ངང་ལས་ཀུན་བཟང་ཆོ་འཕྲུལ་འབྱུང
ཐམས་ཅད་ཡིད་བཞིན་འབྱུང་བས་ཀུན་བཟང་རིན་ཆེན་གཏེར
ཟད་མེད་གཏེར་ལ་ལོངས་སྤྱོད་ཀུན་ཏུ་བཟང་མོའི་ཀློང
དོན་དམ་མཐུན་པའི་ཡེ་ཤེས་རྟགས་མཆོག་ལྡན
མ་བྲིས་དཀྱིལ་འཁོར་འོད་གསལ་བདེ་བའི་སྐུ
ཀུན་བཟང་ཐུགས་ཀྱི་དཀྱིལ་འཁོར་མ་བྲིས་ཡོངས་ལ་གསལ
ཀུན་བཟང་ཐུགས་ཀྱི་དཀྱིལ་འཁོར་མེ་ལོང་འོད་པོ་ཆེ
ཐུགས་མཆོག་དཀྱིལ་འཁོར་མ་བསྒྲུབས་ངང་གིས་གྲུབ
སྐུ་ཡི་དཀྱིལ་འཁོར་མ་བསྐྱེད་རྫོགས་པའི་དོན
སྲམ་ཁྲེགས་རྡོ་རྗེ་འཇིགས་པ་ཀུན་དང་བྲལ
སྟོང་ཉིད་འཇིགས་མེད་ཡེ་ཤེས་གསལ་བས་བརྒྱན
ནམ་མཁའི་ལམ་ལ་རབ་གནས་པ
ཡེ་ཤེས་སྒྲོན་མས་འགྲོ་བ་ཡོངས་ལ་ཁྱབ
ཡིད་བཞིན་ནོར་བུ་རིན་ཆེན་ཚུལ
འབར་བའི་འོད་ཟེར་ཕྱོགས་བཅུ་གང་བར་འཕྲོ
ཀྱེ་མ་མ་བསྐྱེད་རིན་ཆེན་ཕུང་པོའི་ཀློང
ཀློང་ཡངས་ཚིག་ལས་འདས་པའི་ཡིད་བཞིན་བྱང་ཆུབ་སེམས
སངས་རྒྱས་ཐམས་ཅད་འབྱུང་བའི་ལམ་ཆེན་ཀུན་ལ་ཡོད
སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ
སྙིང་པོ་སྒྲོན་མ་དོན་གྱི་མཆོག
༢༥༠
སངས་རྒྱས་སྲས་པོ་དམ་པའི་མཆོག
སངས་རྒྱས་སྐུ་སྟེ་ཀུན་ལ་ཁྱབ
སྟོན་པའི་སྒྲོན་མར་གྱུར་པ་ཡི
ཆོས་ཀྱི་སྙིང་པོ་དོན་གྱི་མཆོག
སྙིང་རྗེའི་ཡུལ་དང་བྲལ་ཞིང་འཛིན་པའི་སྤྱོད་ཡུལ་མིན
བྱང་ཆུབ་དོན་གྱི་སྙིང་པོ་ལ
སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད
འཛིན་མེད་རྣམ་དག་བྱང་ཆུབ་སྙིང་པོའི་སྐུ
འགྱུར་བ་མེད་ལ་རང་སྣང་དེ་བཞིན་གཤེགས
རང་གི་སྣང་བ་མ་འདྲེས་ཡོངས་སུ་རྫོགས
རང་གི་རིག་པ་དོག་མེད་ཡངས་པའི་ཀློང
རང་གི་འབྱུང་བ་རང་བྱུང་རང་ལ་ཐིམ
དཀྱིལ་འཁོར་རྣམ་གསུམ་མ་བསྐྱེད་རྫོགས་པའི་ཚུལ
བསམ་བྲལ་ཡེ་ཤེས་དངོས་པོའི་མཐའ་དང་བྲལ
བསམ་འདས་བརྗོད་མེད་ངང་ལ་རིག་པ་དེ་བཞིན་གཤེགས
རྣམ་དག་ཡེ་ཤེས་རང་ལ་ལོངས་སྐུ་མ་འདྲེས་གསལ
སྟོང་པ་འགག་མེད་ཡེ་ཤེས་བརྡལ་བའི་སྐུ
ཤེས་རབ་འགྱུར་མེད་རྣམ་དག་དབྱིངས་ལ་སྤྱོད
ཤེས་རབ་ཀློང་ན་རིག་པ་རང་ཤར་སྐུ
གཉིས་མེད་ངང་དུ་བདེ་ཆེན་འོད་གསལ་ཐིམ
དེ་ནས་ཡང་རིན་པོ་ཆེའི་རིགས་ཀྱི་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ
ཀྱེ་ཀྱེ་བཅོམ་ལྡན་ཀུན་བཟང་ཡབ
དཀྱིལ་འཁོར་ལྔ་དང་ཀུན་བཟང་གསུང་དུ་གསོལ
༢༥༡
ཞེས་ཞུ་བ་ཞུས་སོ
ཀུན་བཟང་ངང་གིས་བཀའ་སྩལ་པ
ཀྱེ་ཀྱེ་རིན་ཆེན་སེམས་དཔའ་ཉོན
རིན་ཆེན་བྱང་ཆུབ་འབྱུང་བའི་གཏེར་ཆེན་འདི
གསང་སྔགས་ཐབས་ལྡན་དག་གིས་བཙའ་བར་བྱ
ཀུན་ཏུ་བཟང་པོའི་སྐུ་ནི་མ་བསྒྲིབས་ཡོངས་ལ་གསལ
དམ་ཚིག་ཀུན་ཏུ་བཟང་པོ་ཡེ་བསྲུངས་གདེངས་དང་ལྡན
སྤྱོད་པ་ཀུན་ཏུ་བཟང་པོ་འཁོར་བ་བདེ་བར་སྤྱོད
བསྒོམ་པ་ཀུན་ཏུ་བཟང་པོ་གསལ་བ་འཛིན་མེད་བསྒོམ
ལྟ་བ་ཀུན་ཏུ་བཟང་པོ་ཁམས་གསུམ་ཐིག་ལེར་བལྟ
འབྲས་བུ་ཀུན་ཏུ་བཟང་པོ་ཡེ་ཤེས་ཆིག་ཆོད་ས
༢༥༢
སྐུ་མཆོག་ཀུན་ཏུ་བཟང་པོ་བདེ་ཆེན་འོད་འབར་སྐུ
གསུང་མཆོག་ཀུན་ཏུ་བཟང་པོ་འགག་མེད་ཚངས་པའི་དབྱངས
ཐུགས་མཆོག་ཀུན་ཏུ་བཟང་པོ་དྲན་རྟོག་དབྱིངས་སུ་སྐྱིལ
ཕྲིན་ལས་ཀུན་ཏུ་བཟང་པོ་མ་བཙལ་ལྷུན་གྱིས་གྲུབ
ཡོན་ཏན་ཀུན་ཏུ་བཟང་པོ་སྣ་ཚོགས་ཅིར་ཡང་འཆར
རྡོ་རྗེ་ཀུན་ཏུ་བཟང་པོ་མི་འགྱུར་རིག་པའི་ངང
རིག་པ་ཀུན་ཏུ་བཟང་པོ་སྟོང་གསལ་དབྱེར་མེད་དང
ཡེ་ཤེས་ཀུན་ཏུ་བཟང་པོ་གསལ་འགྲིབ་ཡོངས་ཀྱིས་མེད
སྣང་བ་ཀུན་ཏུ་བཟང་པོ་ཅིར་སྣང་རིག་པའི་གྲོགས
ཤེས་རབ་ཀུན་ཏུ་བཟང་པོ་རྣམ་དག་དོན་ལ་སྤྱོད
ཡེ་ཤེས་མེ་ཡིས་ཀུན་བཟང་ངང་ལ་སྤྱོད
རིག་པའི་རླུང་གིས་མ་བསྐྱོད་དབྱིངས་སུ་གཤེགས
ཤེས་རབ་ཆུ་ཡིས་ཐམས་ཅད་གཅིག་ཏུ་སྡུད
༢༥༣
མ་བསྐྱོད་མཁའ་ལ་དེ་བཞིན་རིག་པ་གསལ
གསལ་ལ་མ་ཡེངས་གཏིང་དཔག་དཀའ་བའི་ངང
སྟོང་གསལ་བརྡལ་བ་བདེ་ཆེན་དབྱིངས་ལ་སྤྱོད
རྩེ་གཅིག་གསལ་བ་དོན་དམ་དབྱིངས་ཀྱི་ངང
མ་འདྲེས་རྫོགས་ན་ལྷུན་གྲུབ་ས་ལ་གནས
དམིགས་མེད་མཐོང་ན་ཡེ་ཤེས་མཁའ་ལ་གསལ
ཤེས་རབ་དོན་ལ་མཚོན་པའི་ཚིག་དང་བྲལ
རྫོགས་ཆེན་ཨ་ཏི་འགྱུར་མེད་ཀློང་ན་སྨྲ
དཔེར་ན་གཅན་གཟན་རྒྱལ་པོ་སེང་གེ་ནི
གངས་ཀྱི་སྟོངས་ན་གནས་ཤིང་སྡེར་ཆགས་ཟིལ་གྱིས་གནོན
དེ་བཞིན་རྫོགས་ཆེན་ཨ་ཏི་ནི
སྐྱེ་མེད་དོན་ཆེན་སྟོན་ཅིང་ཐེག་དམན་ཟིལ་གྱིས་གནོན
འགྱུར་མེད་ཨ་ཏིའི་ངང་ལ་རིག་པ་བྱར་མེད་གསལ
ཞེས་སྟོན་པ་ཀུན་ཏུ་བཟང་པོས་རིན་པོ་ཆེའི་རིགས་ཀྱི་སེམས་དཔའ་རྣམས་ལ་རང་རང་གི་དོན་བསྟན་ཏོ
ཞེས་ཀུན་ཏུ་བཟང་པོ་ཐུགས་ཀྱེ་མེ་ལོང་གི་རྒྱུད་ཆེན་པོ་ལས
ཀུན་ཏུ་བཟང་པོའི་དབྱིབ་བསྟན་པའི་ལེའུ་སྟེ་གཉིས་པའོ
༄༣
དེ་ནས་པད་མ་རིགས་ཀྱི་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ
བཅོམ་ལྡན་འདས་ཐུགས་རྗེ་དང་ལྡན་པ
༢༥༤
དོན་ཐམས་ཅད་འབྱུང་བའི་གཏེར་གསུང་དུ་གསོལ
སྟོན་པས་བཀའ་སྩལ་པ
ཨེ་མ་ཧོ
པད་མ་རིགས་ཀྱི་སེམས་དཔའ་ཉོན
སྣང་སྲིད་མ་བཅོས་ཆོས་སྐུའི་ངང
ཡེ་ཤེས་མ་བཅོས་ཐུགས་ལ་རོལ
འབྱུང་བ་མ་བཅོས་ལོངས་སྐུའི་ངང
ཁ་དོག་མ་བཅོས་དབྱིངས་ལ་རོལ
སེམས་ཅན་མ་བཅོས་སྤྲུལ་སྐུའི་ངང
ཐུགས་རྗེ་མ་བཅོས་འགག་མེད་ཀློང
ཀུན་གཞི་མ་བཅོས་བདེ་ཆེན་ངང
རིག་པ་མ་བཅོས་ནམ་མཁའི་ཀློང
ཡེ་ཤེས་མ་བཅོས་རྣམ་དག་པ
ཁ་དོག་མ་བཅོས་མ་འདྲེས་གསལ
གཉིས་མེད་མ་བཅོས་སྟོང་པའི་ངང
རང་བྱུང་མ་བཅོས་རིག་པའི་ཀློང
འོད་ལྔ་མ་བཅོས་གསལ་བའི་ངང
སེམས་ཉིད་མ་བཅོས་རིག་པའི་ངང
ཡིད་རྣམས་མ་བཅོས་ཡེ་ཤེས་འོད
འགྱུ་བྱེད་མ་བཅོས་ཡིད་ཀྱི་ངང
སེམས་ཉིད་མ་བཅོས་སངས་རྒྱས་དངོས
མ་རིག་མ་བཅོས་རིག་པ་དངོས
དུག་ལྔ་མ་བཅོས་ཡེ་ཤེས་ལྔ
སེམས་ཅན་སྲོག་མ་བཅད་ནས་ངས་མི་རྒྱ
སྲོག་བཅད་སྡིག་པར་འགྱུར་བ་ན
༢༥༥
ཡེ་ནས་ཆད་པ་སུ་ལ་སྡིག
སྲོག་བཅད་སྡིག་པར་མི་འགྱུར་རང་གི་བདེ་ཆེན་ས
དུས་གསུམ་སངས་རྒྱས་སྲོག་བཅད་མངོན་སངས་རྒྱ
ཆོས་ལ་གནས་ན་བྱ་བྱེད་སྡུག་བསྔལ་ཡིན་པས་སྤང་བར་བྱ
སངས་རྒྱས་མི་བསྒྲུབ་སངས་རྒྱས་བསྒྲུབས་ན་ལྟུང་བར་འགྱུར
སེམས་ཅན་མི་སྤང་སྤངས་ན་སངས་མི་རྒྱ
འདུས་བྱས་དགེ་རྩ་མི་བྱ་འདུས་བྱས་དགེ་རྩ་བྱས་ན་འཇིག་པར་འགྱུར
སངས་རྒྱས་བསྒོམ་པ་མ་ཡིན་བསྒོམས་ན་ངན་སོང་རྒྱུ
ལྷ་ལ་མཆོད་པ་མི་འབུལ་ཕུལ་ན་སྡུག་བསྔལ་ཆེན་པོར་འགྱུར
སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་པ་དྲུག་མི་སྤྱད
སྤྱད་ན་རྩོལ་བའི་བསམ་པར་འགྱུར
སངས་རྒྱས་ཡོད་པ་མ་ཡིན་སྟོང་ཉིད་གཅིག་པུ་ཉིད
ངན་སོང་ཡོད་པ་མ་ཡིན་བདེ་ཆེན་འཁོར་བའི་ངང
༢༥༦
ཏིང་འཛིན་ལ་སོགས་སངས་རྒྱས་སྐུ་ལ་སྒྲིབ་པ་ཡིན
བསྒོམ་པའི་ལམ་ལ་གནས་པ་ང་ལ་སྒྲིབ་པ་ཡིན
མཆོད་པ་ཕྱག་རྒྱལ་སོགས་ང་ལ་སྒྲིབ་པ་ཡིན
སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ན
ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན
རང་བྱུང་གཞན་ལ་འདོད་པ་ང་ལ་སྒྲིབ་པ་ཡིན
སྲིད་པའི་བར་དོ་འདོད་པ་ང་ལ་སྒྲིབ་པ་ཡིན
ཡེ་ཤེས་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན
སངས་རྒྱས་སྐུ་ནི་མ་བསྒྲིབས་ཡོངས་ལ་གསལ
སྒྲིབ་མེད་རྣམ་དག་བྱང་ཆུབ་བརྡལ་བའི་ཀློང
སྒྲིབ་རྒྱུ་མི་དམིགས་སྒྲིབ་བྱེད་མ་འགགས་ཤིང
དེ་ཡི་ཕྱིར་ན་སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད
འཛིན་པ་མེད་པས་སེམས་ཅན་ཡུལ་ཡང་མེད
རྟོག་པ་མེད་པས་མ་རིག་འཁྲུལ་པ་མེད
ཞེན་པ་མེད་པས་སྣ་ཚོགས་ཡུལ་ཡང་མེད
ཆགས་པ་མེད་པས་བག་ཆགས་སེམས་ཀྱང་མེད
འདས་པ་མེད་པས་མ་འོངས་མིང་ཡང་མེད
ད་ལྟ་མེད་པས་ཉོན་མོངས་མིང་ཡང་མེད
༢༥༧
དོན་དམ་མེད་པས་ཀུན་རྫོབ་མིང་ཡང་མེད
རིག་པ་མེད་པས་མ་རིག་མིང་ཡང་མེད
སངས་རྒྱས་མེད་པས་སེམས་ཅན་མིང་ཡང་མེད
སྟོན་པ་མེད་པས་སྟོན་བྱེད་མིང་ཡང་མེད
དེ་ལྟར་བྱ་བ་གསུམ་བཏང་རྣལ་འབྱོར་དེ
ཕྱིར་མི་ལྡོག་པའི་ས་ལ་ངེས་པར་གནས
བདེ་ཆེན་ས་ལ་འགྱུར་མེད་ལྷུན་གྱིས་གྲུབ
རྟོག་པ་མེད་ལ་འབྲས་བུ་མ་བསྒྲིབས་གསལ
ལྟ་བ་མ་བཅོས་ཡེ་ཤེས་ཟང་ཐལ་ངང
བསྒོམ་པ་མ་བཅོས་གསལ་ལ་འཛིན་མེད་ངང
སྤྱོད་པ་མ་བཅོས་རང་བྱུང་ལྷུག་པ་ཉིད
འབྲས་བུ་མ་བཅོས་རང་སྣང་བདེ་བའི་སྐུ
དམ་ཚིག་མ་བཅོས་མ་ཡེངས་གཏོང་ཕོད་ལྡན
དབང་རྣམས་མ་བཅོས་རིག་པ་རྩལ་གྱི་དབང
དད་པ་མ་བཅོས་འགྱུར་མེད་བརྩོན་འགྲུས་ཆེ
དེ་ལྟར་རྟོགས་པའི་དབང་པོ་རབ་མཆོག་དེ
བདེ་ཆེན་ས་ལ་མི་གཡོ་མཉམ་པར་གནས
ཡང་ཞུ་བ་ཞུས་པ
ཀྱེ་ཀྱེ་བཅོམ་ལྡན་ཀུན་བཟང་ཡབ
ལ་བཟླའི་སྒྲིབ་པ་དེ་ལྟར་ན
གོལ་བའི་རྣམ་པ་གསུང་དུ་གསོལ
ཞེས་ཞུས་སོ
དེ་ནས་སྟོན་པས་བཀའ་སྩལ་པ
ཀྱེ་མ་པད་མའི་སེམས་དཔའ་ཉོན
༢༥༨
ངས་བསྟན་ལེགས་པར་ཡིད་ལ་ཟུང
བྱང་ཆུབ་སྙིང་པོ་གོལ་དང་སྒྲིབ་པ་མེད་པ་ལ
འོན་ཀྱང་སྒྲིབ་པའི་རྣམ་པ་སོ་སོར་གསལ
དེ་ཡང་མདོ་ཙམ་བསྟན་གྱིས་ངེས་པར་ཡིད་ལ་ཟུངས
ཀུན་གཞི་ཆོས་སྐུར་འདོད་ནང་ལས་གོལ་པ་ཡིན
སེམས་ལ་སངས་རྒྱས་འདོད་ནང་ལས་གོལ་བ་ཡིན
བསྒོམ་པ་ཡུལ་ཅན་འདོད་ན་ང་ལས་གོལ་པ་ཡིན
ཆོས་སྤྱོད་རྟོག་པས་འཛུད་པ་ང་ལས་གོལ་བ་ཡིན
ས་ལམ་འབྲས་བུ་འདོད་པ་ང་ལས་གོལ་བ་ཡིན
སྟོང་པའི་ཡུལ་ལ་ཞེན་པ་ང་ལས་གོལ་བ་ཡིན
མཆན་བཅས་གཞན་འབྱུང་བསྒོམ་པ་ང་ལས་གོལ་བ་ཡིན
རྟོག་པ་ལམ་དུ་ཁྱེར་ན་ང་ལས་གོལ་བ་ཡིན
༢༥༩
བྱང་ཆུབ་འཛིན་པར་འདོད་ན་ང་ལས་གོལ་བ་ཡིན
མཚན་མའི་ཚིག་ལ་ཞེན་པ་ང་ལས་གོལ་བ་ཡིན
ཏིང་འཛིན་རྣམ་གསུམ་འདོད་པ་ང་ལས་གོལ་བ་ཡིན
ཅིག་ཆར་རིམ་གྱིས་འདོད་པ་ང་ལས་གོལ་བ་ཡིན
སྣང་སྲིད་ཐམས་ཅན་འོན་ཀྱི་སྣང་བ་ལ
སྣང་སྲིད་ཐ་མལ་བཟུང་བས་ཁྱོད་ཀྱིས་གོལ
རང་གི་ཕུང་པོ་སངས་རྒྱས་དངོས་ཡིན་ལ
ཤ་ཁྲག་ཕུང་པོ་འཁྲུལ་པར་མཐོང་བས་ཁྱོད་ཀྱིས་གོལ
འདི་ལྟར་སྣང་བདག་སྣང་ཆེན་པོ་ལ
འཁྲུལ་པའི་སྣང་བ་རྟག་པར་མཐོང་བས་ཁྱོད་ཀྱིས་གོལ
ཞིང་ཁམས་སུམ་བརྩེགས་རང་ལས་འཆར་བ་ལ
ཞིང་ཁམས་གཞན་ནས་འདོད་པས་ཁྱོད་ཀྱིས་གོལ
མ་རིག་འཁྲུལ་པ་རིག་པའི་བདག་ཉིད་ལ
མ་རིག་སྤང་བར་འདོད་པས་ཁྱོད་ཀྱིས་གོལ
དཀྱིལ་འཁོར་རྣམ་གསུམ་རང་ལ་གནས་པ་ལ
དཀྱིལ་འཁོར་གཞན་ནས་བྲི་བ་ཁྱོད་ཀྱིས་གོལ
སངས་རྒྱས་མ་བསྐྱེད་རང་ལས་བྱུང་བ་ལ
སངས་རྒྱས་བསྒོམ་ཞིང་བསྒྲུབས་པས་ཁྱོད་ཀྱིས་གོལ
བྱང་ཆུབ་རྟོག་མེད་ངང་ལ་གནས་པ་ལ
འདུས་བྱས་དགེ་རྩ་བྱས་པས་ཁྱོད་ཀྱིས་གོལ
༢༦༠
གསང་སྔགས་རྒྱལ་པོ་ཚིག་ལས་འདས་པ་ལ
ཚིག་དང་ཡི་གེར་བཟུང་བས་ཁྱོད་ཀྱིས་གོལ
དོན་གྱི་སྙིང་པོ་སྐྱེ་ཤི་མེད་པ་ལ
སྐྱེ་དང་འཆི་བར་བཟུང་བས་ཁྱོད་ཀྱིས་གོལ
ཆོས་སྐུ་བསམ་པ་ཀུན་དང་བྲལ་བ་ལ
བསམ་པ་སྣ་ཚོགས་ཁྱོད་ཀྱིས་འགྱུས་པས་གོལ
ལོངས་སྐུ་མ་འདྲེས་ཅིར་ཡང་གསལ་བ་ལ
མ་རྟོགས་གཏི་མུག་འཁོར་བར་བཟུང་བས་ཁྱོད་ཀྱིས་གོལ
སྤྲུལ་སྐུ་སེམས་ཅན་རྣམས་དང་མཐུན་པར་སྣང་བ་ལ
འགྲོ་བའི་གཟུགས་སུ་བཟུང་བས་ཁྱོད་ཀྱིས་གོལ
སྐུ་གསུམ་འདུ་འབྲལ་མེད་པའི་རང་བཞིན་ལ
སྐུ་གསུམ་དུ་མར་མཐོང་བས་ཁྱོད་ཀྱིས་གོལ
ལྟ་སྒོམ་དབྱེར་མེད་གཅིག་གི་རང་བཞིན་ལ
ལྟ་སྒོམ་སྤྱོད་པ་གསུམ་དུ་ཁྱོད་ཀྱིས་མཐོང་བས་གོལ
ཆོས་རྣམས་ཐམས་ཅད་རིག་པའི་རང་བཞིན་ལ
ཆོས་རྣམས་སེམས་སུ་མཐོང་བས་ཁྱོད་ཀྱིས་གོལ
བྱང་ཆུབ་སྙིང་པོ་གོལ་དང་སྒྲིབ་པ་མེད་པ་ལ
གོལ་དང་སྒྲིབ་པར་འཛིན་པ་ག་ལ་ཡོད
གོལ་མེད་སྒྲིབ་པ་ཡོངས་ཀྱིས་མེད
ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ
གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས
ཆོས་སྐུ་མ་བསྐྱེད་རང་ལས་བྱུང་བ་ལ
༢༦༡
གཞན་ནས་ཡོད་དུ་རེ་བ་ཡོངས་རེ་འཁྲུལ
སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ
ཚིག་དང་ཡི་གེ་སྟོན་པ་འོ་རེ་བརྒྱལ
ཤེས་རབ་འགག་མེད་རང་ལས་འཆར་བ་ལ
གཏི་མུག་རྨོངས་པའི་བློ་འདི་ཡོངས་རེ་སྡུག
དེ་ཕྱིར་སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན
མི་སྐྱེ་མི་འགག་ཅིར་མི་དགོངས
རྣམ་དག་དོན་སྤྱོད་ཅིར་ཡངས་ལེ་མཁྱེན
དོན་གྱི་སྙིང་པོ་སྒྲོན་མ་འོད་ཀྱི་མཆོག
སངས་རྒྱས་ཀུན་གྱི་དགོངས་པ་འདུས་པ་ཡིན
འགག་མེད་ཀློང་ན་ཡེ་ཤེས་འོད་ལྔ་གསལ
ཤེས་རབ་ཀློང་ན་རྣམ་དག་སྐུ་ལྔ་གསལ
གསལ་ལ་མ་འདྲེས་ལོངས་སྐུའི་སྣང་བ་ཤར
འཛིན་མེད་མ་ཡེངས་རང་བྱུང་བསྒོམ་པའི་མཆོག
རྟོག་མེད་རྣམ་དག་ཆོས་སྐུ་ཞི་བའི་ངང
རྙོག་མེད་རང་སངས་ལོངས་སྐུ་འོད་ཀྱི་སྐུ
ཐུགས་རྗེ་རང་བྱུང་སྤྲུལ་པའི་ཁྲོ་བོའི་སྐུ
རང་བྱུང་བདེ་ཆེན་གསལ་བའི་མེ་མར་གདངས
དཔེར་ན་ཉི་མའི་དཀྱིལ་འཁོར་ལྟ་བུར་གསལ་ལ་འཛིན་པ་མེད
ཐེག་ཆེན་རྒྱལ་པོ་འདི་ཡི་དོན་ལ་མ་ཡེངས་སྤྱོད
འཛིན་པའི་རྟོག་པས་རང་གི་རིག་པ་བཅིངས
དེ་འགྲོལ་རྒྱུད་ཆེན་ཟབ་མོའི་ཀློང་ན་གསལ
དེ་ཡི་དབང་དུ་མི་འགྱུར་རིག་པ་ནི
༢༦༢
རྣམ་དག་མཁའ་ལ་མ་བསྐྱོད་ཞོག
རྟོགས་པའི་དོན་ལ་རིག་པ་འཆར་ནུབ་མེད
འཛིན་མེད་ངང་ལ་རིག་པ་བྱར་མེད་གསལ
བྱ་དང་བྱེད་པའི་ཆོས་ནི་སྡུག་བསྔལ་རྒྱུ
བྱ་བ་བཏང་བའི་རྣལ་འབྱོར་མྱ་ངན་འདའ
མཐར་ཕྱིན་ས་ལ་མི་འགྱུར་རིག་པ་གསལ
བགྲོད་མེད་ལམ་ལ་རིག་པའི་སྟོང་ལམ་བྱུང
རྣམ་དག་མཁའ་ལ་རིག་པ་འོད་དུ་བརྡལ
འོན་ཆེན་མ་འདྲེས་ས་ལ་དེ་བཞིན་གཤེགས
དེས་ནི་དེ་ཡི་དབང་དུ་མི་འགྱུར་འབྱུང་བ་སྟོན
བདེ་གཤེགས་དོན་ལ་ཚིག་མེད་ཡི་གེ་མེད
ཚིག་དང་ཡི་གེར་བཏགས་པས་སྟོན་པ་འཁྲུལ
འཛིན་པའི་ཡུལ་ལ་ཞེན་པའི་སྤྱོད་པ་མེད
མ་བསྐྱོད་དོན་ལ་བཞག་ན་རིག་པ་བདེ་བའི་སྐུ
སྣ་ཚོགས་ཅིར་ཡང་འཆར་བ་བདེ་ཆེན་སྤྲུལ་པའི་སྐུ
དུ་མ་གཅིག་ཏུ་སྡུད་པ་ཤེས་རབ་རང་བྱུང་སྐུ
གསལ་ལ་འཛིན་པ་མེད་པས་བྱ་བཙལ་བྲལ་བའི་སྐུ
འགྱུར་མེད་ངང་ལ་གནས་པས་རྡོ་རྗེ་སྙིང་པོའི་སྐུ
མ་བསྐྱོད་དབྱིངས་ནས་ཤར་པས་རིག་པ་རང་ཤར་སྐུ
བཤིགས་པས་མི་ཤིགས་སྟོང་ཉིད་སྙིང་པོའི་སྐུ
སྐད་ཅིག་ངང་ལ་མི་གནས་ཡེ་ཤེས་ཆིག་ཆོད་སྐུ
འཛིན་པའི་རྟོག་པས་མི་སྒྲིབ་རྟོག་པས་དོན་ལྡན་སྐུ
༢༦༣
འཛིན་པའི་ཡུལ་མེད་བྱང་ཆུབ་སྙིང་པོའི་སྐུ
དེ་ལྟར་འཛིན་མེད་སྐུ་ལ་གནས་ན་ཤེས་རབ་ཕ་རོལ་ཕྱིན
དེ་ལྟར་གོ་བའི་ཡུལ་ན་བདེ་བ་ཆེ
རྟོགས་པའི་ཀློང་ལས་མི་འདའ་ཤེས་རབ་སྐུ
ཤེས་རབ་ཀློང་ནས་ཡེ་ཤེས་གཙུག་ཕུད་ལྔ
མ་འདྲེས་གསལ་མཛེས་ལྷང་ངེ་ལྷན་ནེའོ
ཀུན་གྱི་སྙིང་པོའི་སྐུ་ནི་བྱང་ཆུབ་དོན་ལ་སྤྱོད
གཉིས་མེད་བདེ་ཆེན་ཀློང་ནས་ཡེ་ཤེས་ཉི་མ་ཤར
འགྱུར་མེད་ཡངས་པའི་ཀློང་ནས་ཐུགས་རྗེའི་ཟླ་བ་ཤར
ཐབས་དང་ཤེས་རབ་གཉིས་མེད་རིག་པའི་ཡི་གེ་ཨ
དེ་ལས་ཆོ་འཕྲུལ་འབྱུང་བས་ཡི་གེ་ན
དེ་ལས་ཐུགས་རྗེ་འབྱུང་བས་ཡི་གེ་འ
དེ་ལས་ངེས་པར་གནས་པས་ཡི་གེ་ས
དེ་ལས་འཁྲུལ་པ་བཟློག་པས་ཡི་གེ་ཤ
དེ་ལས་གཉིས་མེད་གནས་པས་ཡི་གེ་མ
དེ་ལས་དོན་དུ་སྡུད་པས་ཡི་གེ་ཨོམ
དེ་རྣམས་ཡི་གེ་གཅིག་ལ་འཇོག་པས་ཡི་གེ་ཨམ
དེ་རྣམས་དོན་ལ་འཇོག་པས་ཡི་གེ་ཧུམ
དེ་བཞིན་ཡི་གེ་རྣམ་པ་དགུ
འགག་མེད་ངང་ལ་དེ་བཞིན་གནས
༢༦༤
ཡི་གེའི་སྒྲ་ནི་སྟོང་པའི་ཚིག་ལས་འདས
འཛིན་མེད་རྣམ་དག་སྒྲ་འགྱུར་དགུ
མ་བསྐྱོད་ངང་ལ་བཞག་ན་དོན་ཆེན་འབྱུང་བར་འགྱུར
ཞེས་བཀའ་སྩལ་ཏོ
དེ་ནས་པད་མའི་སྨེས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ
ཨེ་མ་ཧོ
ངོ་མཚར་གྱི་ཡི་གེ་གསུང་དུ་གསོལ
ཞེས་ཞུས་སོ
ཡང་སྟོན་པས་བཀའ་སྩལ་པ
ཨ་ཧོ
པད་མ་རིགས་ཀྱི་སེམས་དཔའ་རྣམས་ཉོན་ཅིག
ངས་ཆོས་ཐམས་ཅད་སྒྲ་དང་ཡི་གེ་ལ་དོན་བསྡུས་ཏེ་བསྟན་གྱིས་ལེགས་པར་ཉོན་ཅིག
དེ་ཡང་སྒྲ་ཐམས་ཅད་ཀྱང་དབྱིངས་ལ་བཤད་དེ་དོན་ཆེའོ
རང་གི་རིག་པའི་དོན་མ་ནོར་བར་བཤད་ཀྱིས་ལེགས་པར་ཡིད་ལ་ཟུང་ཅིག






ཨོམ
ཨམ
ཧུམ




༢༦༦


དྷར་མ
སར་བ
ཀ་མ
བྷ་ནི
སར་བ
གྷ་ཏ
དྷ་པ་རི
སར་བ
ཡ་ཤོ
དྷ་ནི
སར་བ
༢༦༧

པ་མ
སུ་བྷ
དྷ་དྲུ
ཤ་ཧྲ
སར་བ
ས་ན་ཏི
བ་ར
སར་བ
ད་དུ་ན
ཡེ
སར་བ

སར་བ
ཀ་དུ
༢༦༨
ཤལ
ཨ་པ་ར
ཨོམ་ཤ་ཏ་ནི
ཨུ


༢༦༩
༢༧༠
༢༧༡
ཨ་དྷ་ཐིམ་ཨ་དྷ་ཐིམ
ཞེས་དོན་གྱི་སྙིང་པོའི་ཡི་གེ་བསྒྲགས་སོ
ཡང་དག་པར་རྫོགས་འཚང་རྒྱ་བའི་ཐབས་ཡི་གེ་དྲུག་གི་སྒྲལ་བསྡུས་ཏེ་བསྟན་པའོ
དེ་ནས་ཡང་པད་མའི་རིགས་ཀྱི་སེམས་དཔའ་རྣམས་ཀྱིས་རང་རང་གི་དོན་ཐུགས་སུ་ཆུད་དོ
ཞེས་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ཆེན་པོ་ལས
གོལ་སྒྲིབ་ལ་བཟླ་བའི་ལེའུ་སྟེ་གསུམ་པའོ
དེ་ནས་ཡང་ལས་ཀྱི་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ
ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང
རང་རང་དོན་རྣམས་གསུང་དུ་གསོལ
ཞེས་ཞུ་བ་ཞུས་སོ
ཀུན་བཟང་ཡབ་ཀྱིས་བཀའ་སྩལ་པ
༢༧༢
ཀྱེ་འདུས་པའི་འཁོར་ཚོགས་ལས་ཀྱི་སེམས་དཔའ་ཉོན
ཨེ་མ་ཧོ
རང་བྱུང་བདེ་བའི་སྐུ་ལ་སྣང་སྲིད་ཐམས་ཅད་གསལ
རང་གི་རིག་པ་ལ་སྣང་སྲིད་ཀྱི་ཆོས་གསལ
དོན་གྱི་སྙིང་པོ་བགྲོད་མེད་བདེ་བའི་ཀློང་ལས་བྱང་ཆུབ་འབྱུང་བའི་གཏེར
སྙིང་གི་དཀྱིལ་ན་འོད་ལྔ་ཕྲུ་གུ་ལྔ་བསྡོག་པའི་ཚུལ་དུ་འགྲོ་བ་ཡོངས་ལ་ཁྱབ
ལམ་ནི་མིག་ལ་བྱུང་ཞིང་ནམ་མཁའ་ཐམས་ཅད་ཁེངས
སུམ་ཅུ་རྩ་གཉིས་མཚན་འཆང་དཔེ་བྱད་ལྡན་པའི་སྐུ
སུམ་ཅུ་རྩ་གསུམ་མ་བསྐྱེད་སྙིང་ཏི་དཀྱིལ་ནས་རྫོགས་ཤིང་འཕྲོ
རང་བྱུང་ཐབས་ལྡན་སྐུ་ནི་མ་བསྒྲིབས་འགྲོ་བ་ཡོངས་ལ་ཁྱབ
ཆོས་སྐུ
ཉག་གཅིག་དགོངས་པའི་དོན་རྣམས་སྣ་ཚོགས་ཅིར་ཡང་འཆར་ཞིང་འཕྲོ
སྤྲོ་མེད་བསྡུ་མེད་ངང་ལ་བྱང་ཆུབ་ཅིག་ཆར་འཆར
ཅིཏ་ཏའི་དཀྱིལ་ན་རང་བྱུང་དཀྱིལ་འཁོར་མ་བྲིས་འགྲོ་བ་ཡོངས་ལ་གསལ
དཀྱིལ་འཁོར་སྤྲུལ་པས་འཇིག་རྟེན་ཐམས་ཅད་ཁེངས
དཀྱིལ་འཁོར་གཅིག་ལ་ཚོམ་བུ་ལྔ་ལྔ་དག་ཏུ་སྣང
ཡེ་ཤེས་སྣང་བ་ཡང་རབ་བློ་ལ་རིམ་གྱིས་མ་ཡིན་ཅིག་ཆར་འཆར
༢༧༣
དེ་རྣམས་མན་ཆད་བློ་ལ་རིམ་གྱིས་འཆར་ཞིང་ཞག་རེས་བརྟན་པར་འགྱུར
ཡང་དག་ས་ལ་བདེ་ཆེན་མི་གཡོ་བསྐྱོད་པའི་ཚེ
བར་མ་དོ་ལ་སྣང་བ་རེ་རེ་འཆར་ཞིང་བརྟན་པ་རེ་རེ་འཐོབ
ཡངས་པའི་གྲོག་ཁྱེར་བདེ་ཆེན་གཞལ་ཡས་ཤེལ་གྱི་ཁང་པ་བརྩེགས་པའི་ནང་དུ་འགྱུར་མེད་ཐིམ
ཏིན་ཆེན་ཤེལ་གྱི་གཞལ་ཡས་སྒོ་ལྔ་སྐྱེ་འབྲི་མེད་པས་སྣ་ཚོགས་ཅིར་ཡང་འཆར
མ་འདྲེས་མཛེས་པའི་འོད་ལྔ་ཉིན་ནུབ་མེད་པར་གསལ
མ་བསྐྱེད་རྫོགས་པའི་གཞལ་ཡས་ཁང་མཛེས་དམ་པ་དེར
ཕྱི་དང་ནང་མེད་དཀྱིལ་འཁོར་ཐམས་ཅད་འབྱུང་ཞིང་ལོངས་སྐུ་མ་འདྲེས་གསལ
དོན་གྱི་ཕོ་བྲང་བརྡལ་བ་ཡེ་ཤེས་འགྱུར་མེད་དང་ལ་སྐུ་ཡི་ཆོ་འཕྲུལ་འབྱུང
དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་གསང་ཆེན་ཀུན་ལ་རོལ
འབྱུང་བ་ཆེན་པོ་ལྔ་ནི་དངས་མས་ཁྱབ་ནས་ཡེ་ཤེས་བརྡལ་བའི་སྐུ
བག་ཆགས་སྦུབས་ཀྱིས་མི་བསྒྲིབ་སྐར་མདའ་ནམ་མཁར་རྒྱུག་པའི་ཚུལ
༢༧༤
སྒྱུ་མའི་སྦུབས་ལ་གནས་ནས་མཐར་ཕྱིན་གྲོལ་བར་འགྱུར
རིན་ཆེན་སྦུབས་ལ་མི་གཡོ་མཉམ་པར་གནས་ཤིང་སྤྲུལ་པ་ཕྱོགས་བཅུར་འགྱེད
མཐར་ཕྱིན་འབྲས་བུ་ཕྱིར་མི་ལྡོག་པ་ངེས་པ་ཆིག་ཆོད་པ
མ་བཀོད་ནོར་བུའི་ཕུང་པོ་མཛེས་པའི་འོད་ཟེར་ཕྱོགས་བཅུར་འཕྲོ
དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དབང་བསྒྱུར་འཁོར་ལོའི་ས་ལ་ངེས་པར་གནས
མ་བཀོད་དཀྱིལ་འཁོར་གསལ་འགྲིབ་མེད་པར་ཕྱོགས་བཅུ་ཡོངས་ལ་གནས
རྣམ་དག་སྟོང་པའི་མཁའ་ལ་འོད་གསལ་ཡེ་ཤེས་འོད་ཟེར་འཕྲོ
དེ་ཡང་ཁ་དོག་དཀར་དམར་མ་འདྲེས་ཚུལ་གྱིས་འགྲོ་བ་ཡོངས་ལ་གསལ
བདེ་གཤེགས་སྙིང་པོ་དོན་དམ་དབྱེར་མེད་ངང་ལས་ཆོ་འཕྲུལ་སྣ་ཚོགས་འབྱུང

ཀྱེ་མ་གསང་བ་རིན་ཆེན་འོད་གསལ་ཀུན་ལ་ཁྱབ
ཁྱབ་པ་དཔེ་མེད་དོན་དམ་རང་བཞིན་དཀྱིལ་འཁོར་ཆེ
ཨེ་མ་ཧོ
རྣམ་དག་ཀློང་ནས་ནོར་བུ་རིན་ཆེན་ལྔ
ཕྱག་རྒྱ་མ་བསྒྱུར་མཆོད་པ་མ་ཕུལ་རང་བྱུང་རྫོགས
ཡེ་ཤེས་རྣམ་དག་བརྡལ་བའི་གཞལ་ཡས་ཁང་མཛེས་ན
༢༧༥
མ་བསྐྱེད་རྫོགས་པའི་ཚུལ་དུ་སྐུ་ལྔ་མདུན་རྒྱབ་མེད
ཡབ་ཡུམ་ཁ་སྦྱོར་ཚུལ་དུ་འོད་ཟེར་ཕྱོགས་བཅུར་འཕྲོ
ཡི་གེ་དྲུག་པའི་འཁོར་ལོ་རང་བྱུང་གཉིས་མེད་ཚུལ་གྱིས་འཕྲོ
སྤྲོ་བསྡུ་མ་བྱས་རང་བྱུང་རང་རིག་འཕྲོ
རྟག་པ་མི་འགྱུར་རྡོ་རྗེའི་དོན་ལ་རྣམ་དག་འོད་གསལ་སྐུ
གསལ་ཡང་འཛིན་པ་མེད་པས་ཕྱོགས་བཅུར་གང་བར་འཕྲོ
དམིགས་པའི་ཡུལ་མེད་འཛིན་པའི་མཐའ་ལས་གྲོལ
དག་པའི་ཡེ་ཤེས་ཆིག་ཆོད་རྣམ་པར་དག
འཛིན་མེད་རང་སྣང་རྒྱ་ཆད་ཕྱོགས་ལྷུང་མེད
རྟོག་པ་མེད་པས་རང་བྱུང་དབྱིངས་ན་གསལ
འཛིན་པས་མི་བསྒྲིབ་ཡེ་ཤེས་སྣང་བ་འཆར
འཛིན་པས་བསྒྲིབས་ན་རང་བྱུང་བདེ་བ་མེད
འཛིན་མེད་འོད་ཀྱི་རིག་པ་ནམ་མཁའ་མཐོངས་ན་གསལ
དེ་ལ་འཛིན་པ་མེད་པར་བཞག་ན་སྣང་བ་ལྷུག་པར་འཆར
ཉིན་མཚན་མེད་པར་སྣང་བ་དེ་དང་འགྲོགས
རྟག་ཏུ་དེ་ལ་འདྲིས་ན་སངས་རྒྱས་དགོངས་པའི་མཆོག
མ་དག་འཁྲུལ་པའི་སྣང་བས་དག་པ་ཡེ་ཤེས་སྣང་བ་བསྒྲིབ
འཁྲུལ་པའི་སྣང་བ་འགགས་ན་དག་པའི་སྣང་བ་འཆར
བག་ཆགས་སྦུབས་ཀྱིས་ཡེ་ཤེས་སྒྱུ་ལུས་བསྒྲིབ
༢༧༦
ལུས་འདི་བོར་ནས་འོད་ཀྱི་སྣང་བ་འཆར
དེ་ལ་གནས་ན་རིན་ཆེན་སྦུབས་ལ་མཐར་ཕྱིན་འགྱུར
སྦུབས་གསུམ་གཅིག་ཏུ་འདྲིལ་ནས་སྤྲུལ་པ་ཕྱོགས་བཅུར་འགྱེད
རྟོགས་པ་རྒྱུད་ལ་སྐྱེས་པའི་གང་ཟག་རྣམས་ལ་སྣང་བ་འདི་ལ་འཆར
དེ་ཡང་ཅིག་ཆར་མ་ཡིན་རིམ་གྱིས་འཆར
སྣང་སྲིད་ཐམས་ཅད་འོད་ཀྱི་གཞལ་ཡས་ཁང
རྒྱལ་བའི་དཀྱིལ་འཁོར་འོད་ཟེར་ཟླུམ་པོར་གནས
མགོ་ན་པོ་དྲི་མེད་སྐུ་ལ་ཡེ་ཤེས་ཉི་མ་ལྔར་སྣང་ཞིང
ཉི་མ་རེ་རེའི་འོད་ཀྱིས་སྟོང་གསུམ་འཇིག་རྟེན་གང
དཔེར་ན་ཉི་མའི་འོད་ཀྱིས་འཛམ་གླིང་ཁྱབ་པ་བཞིན
ཡེ་ཤེས་འོད་ཀྱིས་འགྲོ་བ་ཡོངས་ལ་ཁྱབ
ཡེ་ཤེས་དོན་ལ་ཅིས་ཀྱང་བསྐྱོད་དུ་མེད
རིག་པའི་དོན་ལ་དགག་བསྒྲུབ་ཡོངས་ཀྱིས་མེད
དོན་དམ་ངང་ལ་སྣ་ཚོགས་ཅིར་ཡང་འཆར
ཡེ་ཤེས་ངང་ལ་སྒྲོ་འདོགས་ཆོས་ཀུན་མེད
རྣམ་དག་ངང་ལ་ཞེན་པའི་སྤྱོད་པ་མེད
སྐྱེ་མེད་ངང་ལས་འབྲས་བུ་ཤེས་རབ་སྐུ
འགྲོ་འོང་མེད་པ་རྣམ་པར་དག་པའི་སྐུ
འཛིན་པ་མེད་པ་བྱང་ཆུབ་འཛིན་མེད་སྐུ
སེམས་དང་བྲལ་བའི་རིག་པ་སངས་རྒྱས་དངོས
༢༧༧
ཡིད་དང་བྲལ་བའི་ཡེ་ཤེས་དགོངས་པ་དངོས
སྦུབས་དང་བྲལ་བའི་དག་སྣང་འོད་ཟེར་དངོས
བརྟན་པའི་ཡེ་ཤེས་སྐུ་མདོག་འོད་ཀྱི་ཟེར
འགྱུར་བ་མེད་པའི་སྣང་བ་ངེས་པར་འཆར
མཐར་ཕྱིན་ས་ལ་སྐུ་ལྔ་ལྷུན་གྱིས་གྲུབ
འཛིན་པ་མེད་ལ་ཡེ་ཤེས་རྣམ་དག་གསལ
ཆགས་མེད་ས་ལ་འོད་ལྔ་མ་འདྲེས་གསལ
ཞེན་མེད་ས་ལ་ཟེར་རྣམས་ཕྱོགས་བཅུར་འཕྲོ
རང་བྱུང་རིག་པའི་སྐུ་ལ་ཆགས་མེད་ཞེན་པ་ཡོངས་ཀྱིས་མེད
ཆགས་དང་ཞེན་པ་ཡོད་ན་འཛིན་པའི་བསམ་པར་འགྱུར
བསམ་པའི་རྟོག་པ་སྐྱེས་ན་འཁོར་བ་རང་ག་མ
བསམ་དང་བྲལ་བ་རིག་པ་ཆོས་ཀྱི་སྐུ་ལ་འཛིན་པའི་བསམ་པ་མེད
བསམ་བྲལ་རིག་པའི་ངང་ལ་བཞག་ན་ཡེ་ཤེས་དབྱིངས་ལ་སྤྱོད
ཡེ་ཤེས་ཆིག་ཆོད་ས་ལ་འབྲས་བུ་མ་འདྲེས་གསལ
སྟོང་པ་གསལ་བས་བརྒྱན་པའི་རིག་པ་འོད་པོ་ཆེ
མཛེས་ལྡན་འོད་ལ་གཏིང་དཔག་ཡོངས་ཀྱིས་མེད
དོན་གྱི་སྙིང་པོ་སྟོང་གསལ་དབྱེར་མེད་མཉམ
ཞེས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ
༢༧༨
དེ་ཡང་སྐུ་ཡིས་མ་བྱོན་གསུང་གིས་མ་བསྒྱུར་བར་བཀའ་སྩལ་ཏོ
དེ་ཡང་ཐུགས་ཀྱིས་མ་དགོངས་པར་བྱིན་གྱི་རླབས་ཀྱིས་རིགས་བཞིའི་སེམས་དཔའ་རྣམས་ལ་བཀའ་སྩལ་ཏོ
དེ་ནས་ཡང་རིགས་ཀྱི་སེམས་དཔའ་དེ་རྣམས་ཀྱིས
སྐུ་མངོན་པར་སྣང་བ་མཐོང་བའོ
གསུང་གིས་བཀའ་སྩལ་པས་རང་གི་དོན་རྙེད་པ་ཡང་ཚོར་རོ
ཐུགས་ཀྱིས་དགོངས་ཏེ་སེམས་ཅན་རྣམས་ལ་བཀའ་བསྒོ་བ་མཛད་པ་ཡང་ཐོས་སོ
སྟོན་པའི་སྐུ་མངོན་པར་སྣང་བ་མཐོང་ངོ
རང་རང་གི་དོན་ཡང་ཐུགས་སུ་ཆུད་དོ
སེམས་ཅན་རྣམས་ལ་ཡང་སྤྲུལ་པའི་སྐུ་བྱེ་བས་འགྲོ་བའི་དོན་བྱེད་པ་ཡང་མཐོང་ངོ
དེ་བཞིན་གཤེགས་པ་དེའི་སྐུ་ནི་བཞེངས་པ་དང་བཞུགས་པ་མི་མངའ་འོ
དེ་ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པ་ལ་སྐུ་དངོས་པོ་མེད་པའི་ཕྱིར་རོ
དེ་བཞིན་གཤེགས་པའི་གསུང་ལ་བསྒྱུར་བ་དང་མ་བསྒྱུར་བ་མི་མངའ་འོ
དེ་ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པའི་གསུང་སྟོང་པའི་ཕྱིར་རོ
དེ་བཞིན་གཤེགས་པའི་ཐུགས་ལ་དགོངས་པ་མི་མངའ་འོ
༢༧༩
དེ་ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པའི་ཐུགས་ལ་རྟོག་པ་མེད་པའི་ཕྱིར་རོ
དེའི་ཕྱིར་ན་སྐུ་ཡིས་མ་བྱོན
གསུང་གིས་མ་བསྒྱུར
ཐུགས་ཀྱིས་མ་དགོངས་པའོ
དོན་དེ་ལྟ་བུ་ནི་གཞན་ནས་མི་འབྱུང་བར་རང་ལས་བྱུང་ངོ
དེ་ཅིའི་ཕྱིར་ན་རང་གི་རིག་པ་རྟོག་མེད་ཀྱི་ངང་ལ་གནས་པར་བྱའོ
དེ་བཞིན་དུ་སེམས་ཅན་ཀུན་གྱི་རང་རྒྱུད་སྙིང་གི་དཀྱིལ་ལ་གནས་སོ
དེ་ངོ་བོ་ཤེས་པར་བྱའོ
ངོ་མ་ཤེས་ན་ལྡོག་པའི་ས་ཡོད་དོ
དེའི་ཕྱིར་ན་ཡང་ནས་ཡང་དུ་འདྲིས་པར་བྱའོ
ཞེས་རང་རང་གི་རྟོག་པ་བསལ་ལོ
སེམས་དཔའི་རིགས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་རང་རང་གི་དོན་རྙེད་དོ
སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཞལ་ནས་གསུངས་པའི་རྒྱུད་ཆེན་པོ
སྐུ་གསུམ་གྱི་ས་ལ་བགྲོད་པའི་ཐབས
གསང་བ་ལང་ཁོལ་དུ་བྱུང་བ་མན་ངག་གི་རྒྱུད་ཅེས་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ཆེན་པོ་ལས
རང་རང་གི་དོན་བསྟན་པའི་ལེའུ་སྟེ་བཞི་པའོ
ཞེས་ཀུན་ཏུ་བཟང་པོ་རྩ་བའི་རྒྱུད་ཆེན་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ཅེས་བྱ་བ
དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད་རྫོགས་སོ
རྒྱ་རྒྱ་རྒྱ
རྒྱ་གསུམ་གྱིས་མ་བཏང་ཤོར་ར་རེ
སྔགས་ཀྱི་སྲུང་མ་ཨེ་ཀ་ཙ་ཏི་མས
བཀའི་བྱ་ར་གྱིས་ཤིག
ཐུགས་ཀྱི་མེ་ལོང་ཉིད་ལ་མ་བུ་དྲུག
དགེའོ་དགེའོ་དགེའོ་